༈ ཁམས་གསུམ་ འཁོར་བའི་གནས་ལ་མཚོ་འཁྱགས་པའི་བྱ་ལྟར་ཞེན་པ་ལོག་སྟེ། དེ་ལས་ཐར་འདོད་ཀྱི་བློ་སྐོམ་པ་ཆུ་དོན་དུ་གཉེར་བ་ལྟ་བུའི་བསམ་པ་ཞིག་ལ་ཟེར་བ་ཡིན་ཏེ། རྗེ་རིན་པོ་ཆེས། དེ་ལྟར་གོམས་པས་ [138A]༄༅། །།འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང། ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་ གསུངས་པའི་ཕྱིར་རོ།།